༧ ཁམས་གསུམ་ཆོས་ཀྱི་རྒྱལ་བོ་འཇམ་མགོན་བླ་མ་ཙོང་ཁ་བ་ཡབ་སྲས།
宗喀巴師徒三尊者
༧སྟོན་པ་ཐུགས་རྗེ་ཅན་གྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་བཟང་ཁྱད་པར་ཅན་ལ། སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་ངོ་སུམ་བརྒྱ་དྲུག་ཅུ་འཁོར་བའི་མཛད་སྒོ་དང་བསྟུན་༧ ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྩོད་གྲྭ་གསར་དུ་བཙུགས་པའི་རྟེན་འབྲེལ་ཆོས་ཀྱི་དགའ་སྟོན་ཚད་མའི་ཚོས་ཚོགས་ཆེན་མོ།
第一世嘉木樣協巴.華秀.俄旺宗哲唐卡(我寺本次辯經法會有幸授得嘉木樣活佛關於藏傳佛教五部大論的法脈)
སྡེ་འདིའི་ཕྱག་འདེབས་མཛད་པ་བོ་སོག་མོའི་བཀའ་བཅུ་པ་སྐུ་ཕྲེང་དང་པོ་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ།
索格藏寺創建者---第一世索倉活佛 羅桑丹增嘉措
སོག་ཚང་སྐུ་ཕྲེང་བརྒྱད་པ་སྤྲུལ་ཤེས་རབ་བསྟན་འཛིན་རྒྱ་མཚོ།
第八世索倉活佛 西拉.丹增嘉措
༧ མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་།
安多索格藏寺甘丹扎西特欽林
༼༡༽སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བའི་ཆོས་སྟོན་དང་། ༧ ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྩོད་གྲྭ་གསར་འཛུགས་དང་འབྲེལ་མཛོད་དགེ་ཕྱོགས་ཀྱི་དགོན་ཁག་དག་གཙོ་བོར་བྱས་ཏེ་དགོན་ཁག་རྣམས་ཀྱིས་ཚད་མའི་སྲོད་ཆོས་སྐབས་སུ་སྡེ་འདིའི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལི་ཐང་རབས་གསལ་སང་དང་ལྷ་རམས་པ་རྣམ་པས་རྟགས་གསལ་གཏོང་བཞིན་པ།
2018.7.13 索格藏寺辯經法會現場(格西、拉然巴辯經)
༼༢༽ཚོགས་ཆེན་འདུ་ཁང་གསུམ་ཐོག་པཎ་གྲུབ་ལྷ་ཁང་དུ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོས་མཛད་པའི་གཞུང་ལམ་གཙོ་རྣམ་གསུམ་གྱི་སྟེང་ལ། ཕྱོགས་སོ་སོ་ནས་ཕེབས་པའི་ལྷ་རམས་པ་དང་དགེ་བའི་བཤེས་གཉེན་རྣམ་པའི་བགྲོ་གླེང་གི་སྐབས།2018.7.18
索格藏寺舉行的宗喀巴大師關於聖道三要(出離心、菩提心、正見)的問答現場
༼༣༽དྲུག་པའི་ཚེས་བཞི་འམ་ཆོས་འཁོར་དུས་ཆེན་དང་སྒོ་བསྟུན་སྡེའི་འདིའི་དགེ་བཤེས་སོག་ཚང་ཚུལ་ཁྲིམས་དང་དགེ་བཤེས་མཐུ་སྟོབས་རྣམ་གཉིས་ཀྱིས་བདེན་བཞིའི་ཆོས་འཁོར་གྱི་ཚོགས་གླེང་བྱས།2018.7.16
索格藏寺於釋迦牟尼聖轉四諦法輪的殊勝日 舉行的寺廟雙人辯經法會現場
༼༤༽སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བའི་ཆོས་སྟོན་དང་། ༧ ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྩོད་གྲྭ་གསར་འཛུགས་དང་འབྲེལ་མཛོད་དགེ་ཕྱོགས་ཀྱི་དགོན་ཁག་དག་གཙོ་བོར་བྱས་ཏེ་དགོན་ཁག་རྣམས་ཀྱིས་ཚད་མའི་སྲོད་ཆོས་སྐབས་སུ་སྡེ་འདིའི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལི་ཐང་རབས་གསལ་སང་དང་སློབ་གཉེར་བ་རྣམ་པའི་རྟགས་གསལ་གཏོང་བ།2018.7.18
索格藏寺辯經法會現場(我寺特邀經師.理塘讓生和藏區出類拔萃的格西、拉然巴辯經)
༼༥༽དྲུག་པའི་ཚེས་བཞི་འམ་ཆོས་འཁོར་དུས་ཆེན་དང་སྒོ་བསྟུན་སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བའི་ཆོས་སྟོན་དང་། ༧ ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྩོད་གྲྭ་གསར་འཛུགས་ཀྱི་མཛད་སྒོའི་ཐོག་རྔ་བ་ཁུལ་དང་མཛོད་དགེ་རྫོང་ཐང་སྐོར་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་བླ་མེད་གནང་བ།2018.7.16
感謝阿壩州、若爾蓋縣、唐克鎮各級政府的支持和關心
༼༦༽ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་བརྒྱད་པ ༧ ཤར་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་དབུ་བཞུགས་ཐོག སྐྱབས་ཡུལ་བླ་སྤྲུལ་གྱི་སྡེ་དང་། དགེ་བཤེས་ལྷ་རམས་པའི་སྡེ། མཁས་མང་དགེ་མདུན་འདུས་པའི་སྡེ། གཞན་འབྲེལ་ཡོད་ཚོགས་པའི་སྡེ་རྣམས་ཀྱི་ཐུགས་ཁུར་ཚད་མེད་གནང་བའི་ཡུལ་དངོས།
參加本次法會的高僧大德、格西拉然巴和大力支持的佛友信眾們
༼༧༽སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་ངོ་སུམ་བརྒྱ་དྲུག་ཅུ་འཁོར་བའི་མཛད་སྒོ་དང་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་རྩོད་གྲྭ་གསར་བཙུགས་སྐབས་སུ་སོག་ཐང་དགོན་གྲོང་བརྒྱད་དང་བླ་མ་ལས་སྣེ་དགོན་གཙུག་ལག་སློབ་གཉེར་འགན་འཛིན་ལྷན་ཚོགས་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ཆོས་ཀྱི་དགའ་སྟོན་ཚད་མའི་ཚོས་ཚོགས་ཆེན་མོ་ལེགས་པར་གྲུབ་སོང་པ་ཁྱེད་རྣམ་པའི་བཀའ་དྲིན།
還要提出感謝的是關於法會特別成立的工作小組,此次利眾善法也是您們共同努力的成果。千言萬語化為一句感恩,感恩您們。
༼༨༽རྔ་བ་ཁུལ་དང་མཛོད་དགེ་རྫོང་ས་གནས་ཐང་སྐོར་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་ཕྱག་བཏབ་ནས་ལོ་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བའི་ཆོས་སྟོན་དང་། འཆད་ཉན་གསར་འཛུགས་ཀྱི་མཛད་སྒོ། དེ་དང་འབྲེལ་མཛོད་དགེ་ཕྱོགས་ཀྱི་དགོན་ཁག་དག་གཙོ་བོར་བྱས་ཏེ་དགོན་ཁག་རྣམས་ཀྱིས་ཚད་མའི་དགུན་ཆོས་ཉིན་བརྒྱད་ལ་ཉིན་བརྒྱད་ལ་འཚོགས་ཤིང་། རྟེན་འབྲེལ་བཟང་བོ་གནམ་ལ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བ་ལ་སོགས་པ་བཀྲ་ཤིས་པའི་དགེ་མཚན་དུ་མ་བཅས་པའི་ངང་ནས་ལེགས་པར་ཡོངས་སུ་གྲུབ་སོང། བཀའ་དྲིན་ཆེ།
在四川省阿壩州委和若爾蓋縣委統戰部、民族宗教局、佛教協會、唐克政府、索格藏寺寺廟管理會、以及若爾蓋各寺廟為代表的安多各大寺廟的大力支持下,索格藏寺為期八天的創寺360周年慶典和藏傳佛教五部大論法會圓滿成功。
特此感恩並將所有功德回向一切如母眾生 2018.7.23
༧སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
世世不離清淨上師尊,
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
受用殊勝吉祥之法教,
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
五道十地功德悉圓滿,
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།།
願速證得金剛持果位
索倉寺微信公眾平臺所有文章版權歸索倉仁波切所有,使用本品須索倉仁波切同意,違者必究。