▷༢༠༢༡/གཞས་གསར། འཁོར་བའི་ལས་ལམ། བློ་གསལ་གྱིས་བླངས། 人生之路 演唱 羅賽

2022-02-08 比如扎西音樂圈

འབྲི་ཆུའི་རླབས་དང་འདྲ་བའི་དབྱངས་ཀྱི་གླེང་སྟེགས་ཤིག  རུ་སྡེའི་སེམས་པ་དབྱངས་ལ་འགུག་པའི་གཞས་རྭའི་འཕྲིན་པ་ཞིག །

བཀྲ་ཤིས་ཡང་དུ་དར་བའི་སྒྱུ་རྩལ་ཕོ་མོའི་ཉམས། །  ཤིས་ཚིག་མ་བྲིས་རང་བྱུང་སྣང་བ་དེ་ཡིས་སྟོན།  གླུ་དབྱངས་ཤིག་གིས་ང་ཚོའི་འདས་ཟིན་པའི་ལོ་ཟླ་གསལ་ལེར་འཆར་ཞིང་། གླུ་དབྱངས་ཤིག་གིས་ང་ཚོའི་ངལ་བ་ཆེ་བའི་སེམས་པ་ཞིག་ཀྱང་གསོ་ཐུབ་མོད། དེས་ན། གླུ་གཞས་གསར་རྙིང་ཡོངས་རྫོགས་འདུས་པའི་ངེད་ཀྱི་འབྲི་བཀྲ་ཤིས་སྒྲ་དབྱངས་གླིང་ཞེས་པ་དར་ནས་མི་ལོ་མང་བོ་སོང་ཞིང་། ལོ་ངོ་དེ་དག་རིང་། རྒྱལ་ཁམས་གླུ་བ་གླུ་མ་མང་པོས་རྒྱབ་སྐྱོར་དང་གསན་མཁན་གྲོགས་མཆོག་ཡོངས་ཀྱི་དགའ་བསུ་ཐུབ་ཡོད། འདི་ནས་གླུ་གཞས་གཅིག་པུ་སྤེལ་བ་ཕུད། བརྡ་ཁྱབ་ཇུས་འགོད་སོགས་ཀྱི་ཞབས་ཞུ་ཀུན་འདུས་ཤིག་གོ།། མཇུག་ཏུ་ཁྱེད་ཅག་གིས་བརྒྱུད་སྐུར་གང་མང་གནང་རོགས་ཅེས་འཕྲིན་བདག་གུས་འབྲི་བཀྲ་ཤིས་ནས་ཕུལ་ལོ།།

འཁོར་བའི་ལས་ལམ།

བེ་དུང་གིས་ཚིག་བརྩམས།

བློ་གསལ་གྱིས་དབྱངས་བརྩམས།

བློ་གསལ་གྱིས་བླངས།

འཁོར་བའི་ལས་སྒོ་ཟེར་བ་རྒྱང་རིང་ཞིག།      

ལས་ཀྱི་བར་ཐག་ཟེར་བ་ཐག་ཉེ་ཐག་ཉེ་ཞིག།         

ཡིན་ཡང་རང་རང་བློ་བརྩེ་གཏད་ནས་ཡོད།།          

ཁྲེལ་གཞུང་གསེར་ཀྱི་རུས་པ་མ་འགྱུར་དང་།།        

དམ་ཚིག་སྙིང་གི་དཔའ་གདེངས་མ་ཞིམ་དང་།།          

ལས་དབང་གི་མི།།  འདུ་འབྲལ་ཀྱི་མི།།

སྐྱེ་སུའི་ཡུལ་དེ་ཁ་ཁ་ཡིན་ཀྱང་རུང་།།        

ཁྱེད་ཀྱི་གཟུང་ཐག་གཅིག་ལ་སྦྲེལ་ནས་ཡོད།།          

ལམ་ཀྱི་བར་ཐག་ཟེར་བ་རྒྱང་རིང་ཞིག། 

ཐོད་པའི་ཁ་ཡིག་ཟེར་བ་ཐག་ཉེ་ཐག་ཉེ་ཞིག། 

ཡིན་ཡང་རང་རང་སེམས་ལ་བཟུང་ནས་ཡོད།།

འཚོ་སྙེག་རེ་བའི་གཤོག་པ་མ་སྐམ་དང་།།

རྣམ་དཔྱོད་འོད་ཀྱི་རལ་གྲི་མ་སྐྱུར་རོགས།།

ཉིན་སྲིབ་ཀྱི་མི།།  སྔ་དགོང་ཀྱི་མི།།

འགྲོ་སའི་ལམ་དེ་ཁ་ཁ་ཡིན་ཡང་།། 

འཁོར་བའི་ལས་ལམ་གཅིག་ལ་བསྟོད་ནས་ཡོད།།

相關焦點