སྐུ་ཉིད་བྱོན་པ་ལེགས། འདི་གར་ནི་མདོ་དབུས་ཁམས་གསུམ་གྱི་སྐད་རིགསས་སྣེ་གཅིག་དུ་བསྡུས་པའི་བརྙན་གྲོང་ཞིག་སྟེ། བོད་སྐད་ཀྱི་ལམ་སྣར་འདྲེན་པའི་ཐུ་བྷོད་ཀྱི་ལོ་རྒྱུས་བཞག་ཡོད་ལ། མདོ་དབུས་ཁམས་གསུམ་མི་དམས་ཀྱི་མཐུན་སྒྲིལ་རྡོ་རིང་ཡང་བཙུག་ཡོད། དབུས་སྐད། ཁམས་སྐད། ཨམ་སྐད་སོགས་ཕྱོགས་ཁ་སོ་སོའི་ཡུལ་སྐད་ལ་བཅུད་ལེན་དང་། གཞན་སྐད་ལ་རྒྱུས་མངའ་དང་སློབ་སྦྱོང་ཡང་ཞུ་ཆོག ངེད་ཅག་གིས་དུས་རབས་གསར་པའི་དྲ་རྒྱའི་ཆ་འཕྲིན་འཕོ་འགྱུར་དང་འགྲོགས་དགོས། འདི་ནས་ཁྱེད་ལ་རོལ་རྩེད་ཀྱི་ཁོར་ཡུག་ཆུང་ཆུང་ཞིག་བསྐྲུན་ལ། རིག་གནས་ཀྱི་གར་སྟེགས་ཞིག་ཡང་མཁོ་སྟོན་བྱེད། རང་གི་སྐད་དང་རིག་གཞུང་བོར་མ་མྱོང་ལ་སྲོལ་རྒྱུན་དང་གོམས་སྲོལ་དོར་མ་མྱོང་བའི་རྗེས་ཤུལ་འདི་ནས་གཟིགས་ཐུབ། ངེད་ཚང་ནས་རྣམ་ཀུན་གློག་བརྙན་རིགས་གཙོ་བོར་བྱས་ནས་བོད་རང་གི་ལོ་རྒྱུས་དང་དམངས་སྲོལ་བསླབ་བྱ་བོད་སྐད་ཡིག་གི་དམངས་གཞིའི་ཤེས་བྱ། བོད་གཞས་གླུ་གར་སོགས་མཁོ་འདོན་བྱེད་ཀྱིན་ཡོད། དུས་དང་རྣམ་པ་ཀུན་དུ་ངེད་ཚང་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ལན་བརྒྱར་ཞུའོ། །
多
衛
康
影
視
城
| གློག་བརྙན། | བརྙན་ཐུད། | ཕྲན་བརྙན། | དངོས་ཟིན་བརྙན། | གཞན་དག |
| 電影 | 電視劇 | 微電影 | 紀錄片 | 其他 |
མདོ་དབུས་ཁམས་ཀྱི་བརྙན་འཕྲིན་ཐད་གཏོང་།
多衛康電視臺在線直播
དཀའ་བའི་བསགས་པའི་མང་ཐོས་ནོར་བུ་ཡང་། །བརྗེད་ངད་རྐུན་པོའི་དལ་གྱིས་འཇོམས་བྱས་ཏེ། །རིན་ཆེན་གླིང་ནས་སྟོང་པར་ལྡོག་སྲིད་པས། །རྒྱུན་དུ་གོམས་འདྲིས་བརྟན་པོ་ཡིས། །གང་ཤེས་བརྗེད་པ་མེད་པར་ཟུངས་ཤིག་ཨང་། །གཟེངས་བསྟོད།