第二佛陀良美巴大師
བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད་བཞུགས་སོ།
良美大師贊誦尊勝賢宮如意寶藏
སངས་རྒྱས་མཁན་པོ་སྨན་རི་བའི་སྐུ་མདུན་སྤྱན་གཅིག་པའི་སྐྱེས་རབས་རྣམ་ཐར་མཛད་པ་བཅུ་གཉིས་ཀྱིས་སྒོ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་ཞེས་བྱ་བ་ཡན་ལག་བརྒྱད་ལྡན་འདི་ལ། 佛陀曼日旺至尊良美西饒堅參本緣傳記十二功業之讚揚尊勝賢宮雲具八支法。
དང་པོ་ཕྱག་འཚལ་བའི་ལེའུ་ནི།
第一,頂禮品
ཨེ་མ་ཧོ།བོན་ཉིད་ཆེན་པོ་སྤྲོས་པའི་མཐའ་དང་བྲལ།།ངང་ཉིད་བདལ་པ་ལྷུན་གྱིས་གྲུབ་པ་ལ།།འདུས་མ་བྱས་པའི་རྒྱུ་རྐྱེན་མེད་པ་ཡི།།གཡོ་བ་མི་མངའ་རང་བཞིན་ཀློང་ན་གནས།།སྐྱེ་འགག་གནས་སྟོང་དབྱིངས་ལྟར་ལྷུན་གྱིས་གྲུབ།།ངང་དང་རང་བཞིན་མཐའ་དང་དབུས་མེད་པར།། མེད་པ་ལྔ་ལྡན་བོན་གྱི་སྐུ་མཆོག་སྟེ།། ཀུན་བཟང་བོན་སྐུ་ཉིད་ལ་ཕྱག་འཚལ་ལོ།།
妙贊,廣大法性遠離諸戲論,本性普遍任運成就中,無為之法無有因緣法,無有動搖安住自性界,生滅住空虛空般任運,本性自體未有邊與中,五不具有清淨法身佛,普賢法身佛前敬頂禮。
རྫོགས་སྐུ་ཆེན་པོ་གཟི་བརྗིད་མདངས་དང་ལྡན། །འོག་མིན་གནས་ནས་སྐུ་མཆོག་ལྷུན་གྱིས་གྲུབ། །མཚན་དང་དཔེ་བྱད་ལྗོན་ཤིང་ལོ་འབྲས་བཞིན། །ཐུགས་རྗེ་བཞི་ལྡན་ཚད་མེད་བཞིའི་སྐུ། །ཉི་ཟླ་ཞལ་ནི་ཕྱོགས་བཅུར་གསལ་བ་ཡིས། །སེམས་དཔའ་འཁོར་ལ་ཐུགས་རྗེའི་འོད་ཟེར་འཕྲོས། །ངེས་པ་ལྔ་ལྡན་རྫོགས་པའི་སྐུ་མཆོག་སྟེ། །གཤེན་ལྷ་རྫོགས་སྐུ་ཉིད་ལ་ཕྱག་འཚལ་ལོ།།
廣大報身莊嚴具光明,無上剎土聖身任運成,相與隨好猶如樹葉果,慈悲四具四無量身佛,日月面孔十方示現觀,勇識眷屬慈悲射光明,具五決定報身聖佛也,幸拉報身佛前敬頂禮。
སྤྲུལ་པའི་སྐུ་མཆོག་བྱེ་བ་ཕྲག་བརྒྱ་ནི། །འཛམ་གླིང་བྱེ་བ་ཕྲག་བརྒྱར་འགྱེད་པ་ཡིས། །སྐུ་གསུང་ཐུགས་ཀྱི་འོད་ཟེར་གཟི་བརྗིད་འབར། །ལས་ཀྱི་སྐལ་བཟང་རྗེས་འབྲང་དབྱིངས་སུ་བཀོད། །ལས་ངན་སྐལ་པ་མི་ལྡན་སེམས་ཅན་ལ། །བརྒྱད་ཁྲི་བཞི་སྟོང་བོན་གྱི་ས་བོན་འདེབས། །མ་ངེས་ལྔ་ལྡན་སྤྲུལ་པའི་སྐུ་མཆོག་སྟེ། །སྟོན་པ་སྤྲུལ་སྐུ་ཉིད་ལ་ཕྱག་འཚལ་ལོ།།
化身聖佛乃數千百萬,三千大千世界遍化現,身口意三莊嚴爍光明,有緣善者隨從皆度脫,無緣淺福一切有情眾,八萬四千法門種種子,五不定具化身聖佛也,導師化身佛前敬頂禮。
སྐུ་གསུམ་ཀློང་ནས་འགྲོ་བའི་དཔལ་དང་མགོན། །བདེར་གཤེགས་སྟོང་དང་ཐུགས་རྗེ་ཆེན་པོ་ཡི། །སེམས་དཔའ་རིག་འཛིན་མཁའ་འགྲོ་བསམ་ལས་འདས། །གྲངས་མེད་བསྐལ་པ་སངས་རྒྱས་གྲངས་མེད་ནི། །འགྲོ་དྲུག་དོན་ལ་ཐུགས་རྗེའི་ཉི་མ་ཤར།།ཁམས་གསུམ་མུན་པར་གནས་པའི་སེམས་ཅན་རྣམས། །དུས་གསུམ་མུན་པའི་གཏི་མུག་སེལ་བར་མཛད། །འགྲོ་དྲུག་སྐྱོབས་མཛད་སྐུ་ལ་ཕྱག་འཚལ་ལོ།།
三身法界怙主於眾生,如來千佛大慈大悲者,勇識持明空行不可思,無數時劫無數佛出現,為利六道眾生照陽光,三界黑暗之居有情眾,破除三時愚蠢之黑暗,救度六道至尊前頂禮。
བསྐལ་སྟོང་སངས་རྒྱས་གྲངས་མེད་འགྲོ་འདུལ་དོན། །སྡེ་གསུམ་བོན་དང་སྒོ་བཞི་མཛོད་དང་ལྔ། །ཐེག་པ་རིམ་དགུ་མཛད་པ་བཅུ་གཉིས་དང་། །མཛད་པ་དྲུག་ཅུ་བརྒྱད་ཁྲི་བཞི་སྟོང་སྒོ། །ལས་བཞི་རྒྱུན་ལྔ་ཕྱི་ནང་གསང་གསུམ་ནི། །གྲངས་མེད་བསྐལ་པར་འཕྲུལ་ངག་བོན་སྒྲ་སྒྲོགས། །དུག་ལྔའི་དགྲ་བཅོམ་བོན་གྱི་གཏེར་མཛོད་བརྡོལ། །གྲངས་མེད་འདུལ་མཛད་བོན་ལ་ཕྱག་འཚལ་ལོ།།
無數千劫佛為利眾生,三部本法四門五庫等,九乘法門十二相成道,六十功業八萬四千門,四業五續內外密三皆,無數世界廣宣雍仲法,五毒破敵出法本寶藏,拯救無數法本前頂禮。
བདེར་གཤེགས་དགོངས་རྒྱུད་བླ་མ་ཆེ་དྲུག་དང་།།གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང་།།ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང་།།བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ།།མི་མཇེད་འདུལ་མཛད་སྤྲུལ་སྐུ་སྐར་ཚོགས་བཀྲ།།མཁྱེན་བརྩེའི་དབང་ཕྱུག་འགྲོ་དོན་མཛད་པ་ལ།།བདག་སོགས་འགྲོ་དྲུག་ལུས་ངག་རྩལ་བསྐྱེད་ནས།།སྒོ་གསུམ་རབ་ཏུ་ཐོག་མཐར་ཕྱག་འཚལ་ལོ།།
如來意傳上部六上師,十三世襲四大智者與,八大譯師幸吉瑪央尊,智西巴美四氏頂飾寶,度脫娑婆應化於醒空,悲智自在度化一切眾,我等六道身口發出力,三門極其始終敬頂禮。
འཛམ་བུ་གླིང་དུ་གསེར་གྱི་ཉི་མ་ཤར། །དུས་ངན་ལྔ་བརྒྱ་མཐའ་མའི་སྙིགས་མ་ལ། །འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་འབྲུགས་ནས། །རྗེས་འབྲངས་ཉོན་མོང་མ་ལུས་རྩད་ནས་བཀྲུ། །སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན། །མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམ། །མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ། །གཙུག་རྒྱན་མཁན་པོ་ཁྱོད་ལ་ཕྱག་འཚལ་ལོ།།
南瞻部洲升起於金日,五百唯期五濁惡世時,神變本法大水之漲瀑,洗除隨從一切之煩惱,三藏全具大智獅子吼,摧毀種種無明宗派腦,文殊人獅莊嚴曼日旺,頂飾至尊法王前頂禮。
གངས་ཅན་ཤར་ཕྱོགས་རྒྱ་རོང་སྐུ་འཁྲུངས་ནས།།གཟིགས་དགོངས་མཛད་པ་ལྷུན་གྲུབ་དབེན་ས་ཁ།།མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་རུ།།འཕྲུལ་ངག་བདེན་པ་བོན་གྱི་འཁོར་ལོ་བསྐོར།།མི་བཅད་གནས་དང་འཛམ་གླིང་ཉེར་ལྔའི་དབུས།།ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་རུ།།ཁྱད་པར་ཁ་བ་ཅནགྱི་རྗེས་འབྲང་ལ།། ལས་སྐལ་ལྡན་མཛད་ཁྱེད་ལ་ཕྱག་འཚལ་ལོ།།
雪域東方嘉絨地誕生,見觀功業魯智偉薩喀,不共成就吉祥曼日處,雍仲神變勝義轉法輪,娑婆世界二十五層間,十八大地精髓之地處,特別雪域高原隨從者,具集善緣至尊前頂禮。
གྲངས་མེད་བསྐལ་པ་ཚོགས་གཉིས་རྒྱ་མཚོ་ཡི། །མངོན་པར་ངོ་བོ་མཐོ་ཞིང་གཟི་བརྗིད་འབར། །མི་བཅེད་སེམས་ཅན་འདྲེན་པའི་ཐུགས་རྗེ་ཅན། །ཁ་བ་ཅན་དུ་བསྟན་པའི་སྒྲོན་མེ་སྦར། །ལུང་རིག་མན་ངག་འབྲུག་སྒྲ་གཡོ་བ་ཅན། །འཛམ་གླིང་ཕྱོགས་བཅུའི་དད་ལྡན་དང་བ་འདྲེན། །ཁ་ལོ་བསྒྱུར་མཛད་རྗེ་བཙུན་སྨན་རི་བ། །གསེར་གྱི་རི་རབ་སྐུ་ལ་ཕྱག་འཚལ་ལོ། །
無數世界資糧大海中,現前自體極高而莊嚴,救度娑婆世界慈悲者,雪域高原點燃法明燈,教理竅訣天龍之吼聲,世界十方信眾生歡喜,轉輪法王至尊曼日旺,猶如金山之身前頂禮。
དུང་གི་ཟླ་བ་མཁའ་ལ་ཚེས་པ་བཞིན། །སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རིམ་པར་རྫོགས། །དུག་གསུམ་དུག་ལྔ་ཁམས་གསུམ་ས་དགུ་སྟེ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཕྱག་མས་འདེབས། །ཉི་ཟླའི་འོད་ལ་མུན་པ་མི་གནས་བཞིན། །སྒྲིབ་གཉིས་གནས་དག་དྲི་མེད་སྨན་རི་བ། །གསེར་གྱི་ཉི་མ་ཁྱོད་ལ་ཕྱག་འཚལ་ལོ།།
白螺之月升起虛空般,有緣心中升起本法月,淨化二障次增二資糧,三毒五毒三界九地處,掃除八萬四千煩惱業,猶如日月光下無暗黑,清淨二障無垢曼日旺,黃金之日至尊前頂禮。
持續
於2021年2月16日海南島———幸饒巴.榮忠尼瑪漢譯
長按二維碼識別關注我們
----
歡迎您關注象雄文化傳播平臺