ཁྱེད་རང་ག་པར་ཡོད།
ཚིག ཕུར་བུ་རྣམ་རྒྱལ།
གདངས ཕུར་བུ་རྣམ་རྒྱལ།
ལེན་མཁན། བསྟན་པ་དབང་མོ།
ངས་ཁྱེད་རང་མཐོང་མྱོང་།
ངས་ཁྱེད་རང་ངོ་ཤེས་ཀྱི་ཡོད།
མ་རེད། ངེད་གཉིས་སྐད་ཆ་བཤད་མྱོང་ཡོད་པ་མ་རེད།
ཁྱེད་རང་ཡང་བསྐྱར་མཇལ་ཡོང་བསམ།
ཁྱེད་དང་ཉིན་གཅིག་ཐུག་ན་བསམ།
ལོ་དང་ཟླ་བ་ཕྱིན་སོང་།
ཁྱེད་རང་མཇལ་རྒྱུ་མི་འདུག
ཁྱེད་རང་ག་པར་ཡོད།
ངས་གཞས་ཏེ་ཁྱེད་ལ་བྲིས་པ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
ངས་གཞས་ཏེ་ཁྱེད་ལ་བཏང་་པ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
དངོས་གནས་གཞས་ཏེ་ཁྱེད་ལ་བྲིས།
ཁྱེད་རང་ཆེད་དུ་བྲིས།
ཁྱེད་རང་ག་པར་ཡོད།
ངའི་སྙིང་གཏམ་གཞན་ལ་བཤད་མ་ཐུབ་པར།
གཞས་འདིའི་ནང་ལ་བྲིས་ནས་ཡོད།
ང་སྔོན་མ་ནས་ཁྱེད་ལ་ཞུ་མ་ཐུབ་པར།
ང་ལ་འཁང་སེམས་ཡོད་པ་ཞུ།
ཁྱེད་རང་ག་པར་ཡོད།