རྒྱལ་བོའི་མདོ་ལྔ་ཞེས་པ་ནི་འབུམ་སྡེ་ལྔའི་དོན་བསྡུས་པའི་མདོ་ལྔ་ལ་ཟེར།
五部王經是五大部十萬經的縮影經
དེ་ཡང་བོད་པ་རྣམས་ལ་གྲགས་པའི་རྒྱལ་བོ་མདོ་ལྔ་ཞེས་པ་ནི་འབུམ་སྡེ་ལྔའི་དོན་བསྡུས་པའི་མདོ་ལྔ་ཡིན། འབུམ་སྡེ་ལྔ་ནི། ཤེར་ཕྱིན་གྱི་མདོ་ཐུགས་ཀྱི་འབུམ། མྱང་འདས་ཀྱི་མདོ་གསུང་གི་འབུམ། དཀོན་མཆོག་བརྩེགས་པའི་མདོ་སྐུའི་འབུམ། ཕལ་བོ་ཆེའི་མདོ་ཡོན་ཏན་གྱི་འབུམ། ལང་ཀར་གཤེགས་པའི་མདོ་འཕྲིན་ལས་ཀྱི་འབུམ་ལྔའོ།།མདོ་དེ་དག་ཐམས་ཅད་ལ་ཤོ་ལོ་ཀ་འབུམ་རེ་ཡོད་པས་དེ་ལྟར་བཏགས་སམ་ཞེ་ན། དེ་ལྟར་འདོགས་པའི་རྒྱུ་མཚན་མི་གཅིག་སྟེ། ཤེར་ཕྱིན་རྒྱས་པ་ལ་ཤོ་ལོ་ཀ་འབུམ་ཡོད་པ་དང་། མདོ་མྱང་འདས་ལ་སངས་རྒྱས་མྱ་ངན་ལས་འདའ་ཁར་ཞལ་ཆེམས་བཞག་པ་འབུམ་ཡོད་པ་དང་། དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་ཀྱི་མཚན་མི་འདྲ་བ་འབུམ་ཡོད་པ་དང་། ཕལ་བོ་ཆེ་ལ་སྨོན་ལམ་འབུམ་ཡོད་པ་དང་། ལང་ཀར་གཤེགས་པ་ལ་སྲིན་པོ་འབུམ་བཏུལ་ཚུལ་ཡོད་པས་དེ་ལྟར་བཏགས་པར་གསུངས་སོ།།
འོ་ན་དེ་དག་གི་དོན་བསྡུས་པའི་རྒྱལ་བོའི་མདོ་ལྔ་ནི་གང་དག་ཡིན་ཞེ་ན། ཤེར་ཕྱིན་ནམ་ཡུམ་གྱི་དོན་བསྡུས་པའི་མདོ་ཤེས་རབ་སྙིང་བོ། མྱང་འདས་ཀྱི་དོན་བསྡུས་པའི་མདོ་འདའ་ཀ་ཡེ་ཤེས། དཀོན་མཆོག་བརྩེགས་པའི་དོན་བསྡུས་པའི་མདོ་རྡོ་རྗེ་རྣམ་འཇོམས། ཕལ་བོ་ཆེའི་དོན་བསྡུས་པའི་མདོ་བཟང་བོ་སྤྱོད་པའི་སྨོན་ལམ། ལང་ཀར་གཤེགས་པའི་དོན་བསྡུས་པའི་མདོ་ལྟུང་བཤགས་རྣམས་སོ།།
འོ་ན་མདོ་འདི་དག་ལ་ཅིའི་ཕྱིར་རྒྱལ་བོའི་མདོ་ལྔ་ཞེས་གྲགས་ཤེ་ན། སྔོན་དུས་སུ་བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་རིམ་གྲོར་མདོ་ལྔ་བོ་གདོན་པར་བྱ་བ་ལས་བཏགས་པར་སེམས་སོ་ཞེས་མཁས་པའི་དབང་བོ་ཨ་ལག་ཤ་བསྟན་དར་ལྷ་རམས་པས་གསུངས་པ་ལྟར་རོ།།
དེ་ཡང་ཤེས་རབ་སྙིང་ལྟ་བའི་མདོ། འདའ་ཀ་ཡེ་ཤེས་སྤྱོད་པའི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། བཟང་བོ་སྤྱོད་པ་སྨོན་ལམ་གྱི་གྱི་མདོ། ལྟུང་བཤགས་སྡིག་བཤགས་པའི་མདོ་ཡིན་པར་གསུངས་སོ།།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
古代藏族人所說的五部王經,是五部十萬經的縮影經。五部十萬經,即大般若經為意之十萬,大般涅槃經為語之十萬,大寶積經為身之十萬,華嚴經為功德之十萬,楞伽經為事業之十萬。為什麼這五部經都叫十萬,是因為每部都有十萬偈頌的緣故嗎?不。每部經的稱謂都有各自不同的角度:大般若經因有十萬個偈頌,故名;大般涅槃經中因有佛陀臨示現涅槃相時所留下的十萬種遺囑,故名;大寶積經中因有十萬尊佛的名號,故名;華嚴經中因有十萬種祈願,故名;楞伽經中因有調伏十萬個羅剎的記載,故名。
五部王經是哪幾部?哪一部經又是哪一部經的縮影呢?答:大般若經的縮影是《心經》,大般涅槃經的縮影是《遺教經》,大寶積經的縮影是《金剛摧破經》,華嚴經的縮影是《普賢行願品》,楞伽經的縮影是《墮懺經》(即三十五佛懺悔經)。
為什麼對這五部經叫王經呢?答:因為在過去那些住持佛法的諸藏王,以念誦這五部經,為國為民消災祈福,故叫王經。以上的說法,我是依據大學者阿拉善丹德爾拉然巴的著作而說的。
班字爾慈智加措