視財經
ཏེར་ཐ་དུག་སྡོང་གི་འཇིགས་སུ་རུང་བའི་ཁྱད་ཆོས་ནི།
1.འབྲེལ་འདྲིས་མ་བྱས་ཀྱང་སྐར་ཆ་14ཡི་ནང་དུ་འགོ་ཐུབ་པ། ཏེར་ཐ་དུག་སྡོང་ནང་གི་ནད་དུག་གི་འདུས་ཚད་ནི་ན་ནིང་གི་དུག་སྡོང་གི་ལྡབ་1260ཡིན་ཞིང་། དེ་ནི་ཧ་ཅང་འགོ་སླ་ཞིང་འབྲེལ་འདྲིས་མ་བྱས་ཀྱང་སྐར་ཆ་14ཡི་ནང་དུ་འགོས་ཐུབ་ཀྱི་ཡོད་པ་རེད།
圖片
2.སྔོན་གྱི་ནད་དུག་དང་བསྡུར་ན་ཁྱབ་མཆེད་ཀྱི་ནུས་བ་ལྡབ་འགྱུར་གྱིས་ཇེ་ཆེར་ཕྱིན་ཡོད་པ་དང་། ཏོག་གསར་ནད་དུག་གི་གདོད་མའི་དུག་སྡོང་གི་གཞི་རྩའི་འགོས་གྲངས་(RO) ནི་2.5 ཡིན་ལ། ད་ལྟའི་ཏེར་ཐ་དུག་སྡོང་གི་གཞི་རྩའི་འགོས་གྲངས་ནི་5-8ཙམ་ཟིན་གྱི་ཡོད་པ་རེད། མདོར་བསྡུས་ནས་བཤད་ན་སྔོན་ཆད་མི་གཅིག་ནས་མི་གཉིས་གསུམ་ཙམ་ལ་འགོ་སྲིད་པ་དང་། ད་ལྟ་མི་གཅིག་ནས་མི་བརྒྱད་ལ་འགོ་ངེས་ཆེ་ཤིང་མཆེད་ཐུབ་པའི་ཁྱབ་རྒྱ་ཇེ་ཆེར་ཕྱིན་ཡོད་པ་རེད視財經
ལག་ལེན་དངོས་ནས་ར་སྤྲོད་བྱས་དོན། ཁ་རས་རྒྱག་པ་དང་ལག་པ་འཁྲུད་པ་ནི་ནུས་ལྡན་གྱི་རིམས་འགོག་བྱ་ཐབས་ཞིག་ཡིན་པས། བྱ་ཐབས་དེ་གཉིས་ཚང་མས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད
མས་གཤམ་གྱི་དོན་ཚན་ལྔ་པོར་ཡིད་འཇོག་གནང་རོགས།
1.དུས་ལྟག་ཏུ་ཁ་རས་བརྗེ་དགོས་པ་དང་། སྤྱིའི་ཆ་ནས་ཆུ་ཚོད་བཞི་རེའི་ནང་དུ་ཁ་རས་ཐེངས་གཅིག་རེ་བརྗེས་ན་འགྲིག ཉིན་རེར་ཐེངས་རེ་བརྗེས་ཀྱང་ཆོ2.དུས་བཅད་ལྟར་མཁའ་རླུང་རྒྱུགས་སུ་འཇུག་དགོས་པ་དང་། གནམ་གཤིས་ཚ་བ་ཆེ་ནའང་དྲོད་སྙོམས་འཕྲུལ་ཆས་ཕྱེ་བ་དང་མཉམ་དུ་མཁའ་རླུང་ཡང་རྒྱུགས་སུ་འཇུག་ད
༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་གསལ་ཞེས་བྱ་བ་བཞུགས༔
༄༅།། བདེན་ཚིག་འགྲུབ་པའི་པྲ་ཎི་དྷ་རྣམ་མཁྱེན་གྲོང་འཇུག་ཅེས་བྱ་བ་བཞུགས་སོ།།
དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བླ་མ་དང་མཆོག་གསུམ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ།
向諸成就大海之源上師三寶及諸菩提薩埵頂禮皈依!
མི་ངའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་སྟེ་རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི་གདུལ་བྱར་འགྱུར་བར་ཤོག་ཅིག
祈願我生生世世獲得八有暇與十圓滿的珍寶人身,並成為殊勝具德上師的化機。
མངོན་མཐོ་དང་ངེས་ལེགས་མཐའ་དག་གི་འབྱུང་ཁུངས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བཏུལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྗེས་སུ་སློབ་པར་ཤོག་ཅིག
祈願以增上生與決定勝之源——聞思修三者調伏自相續,成為如來珍寶佛教之後學。
ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་དང་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་འཁོར་བ་མཐའ་མེད་ཀྱི་བྱ་བ་ལ་བཙོན་དོང་དང་མེ་འོབས་ལྟ་བུར་མཐོང་བར་ཤོག་ཅིག
祈願在心相續中自然生起進入正道之基——出離輪迴、四種厭世之心,視無邊輪迴諸事猶如牢獄火坑。
ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་རྙེད་ནས་དགེ་སྡིག་གི་ལས་ཕྲ་མོ་ཙམ་ལ་ཡང་འཇུག་ལྡོག་བྱེད་པར་ཤོག་ཅིག
祈願對無欺因果生起堅定信解,從此能無誤取捨微細之善惡。
གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་བར་ཆད་ཀྱི་དབང་དུ་མི་འགྲོ་བར་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག་ཅིག
祈願親友嘈雜禍害等修菩提之障於我無礙,同時皈依三寶,入學於三士之道中。
བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ་ཐེ་ཚོམ་དང་མཉམ་འགྲོགས་ཀྱི་མི་རུ་བཟུང་བའི་ལོག་ལྟ་སྤངས་ཏེ་སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག
祈願對於善逝總集體性之殊勝大恩上師不存疑慮,捨棄作為同等普通人看待之邪見,而視其為真實佛陀。
དེའི་མཐུ་ལས་མཚོན་བྱེད་དཔའི་དབང་བཞིས་སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་རྡོ་རྗེ་ཐེག་པའི་གསང་ལམ་ལ་འཇུག་པར་ཤོག་ཅིག
祈願以此之力,名相四灌頂成熟三門,而進入無上金剛乘密道。
གསོལ་འདེབས་དང་མོས་གུས་ཀྱི་མཚམས་སྦྱོར་ལམ་དུ་ལོངས་ནས་མཚོན་བྱ་དོན་གྱི་དགོངས་བརྒྱུད་བདག་ལ་འཕོས་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག
以祈禱敬信結合入於正道,祈願我獲得名相要義之意傳,證悟等同虛空。
བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་རིག་འཛིན་རྣམ་པ་བཞིའི་ས་ལ་བགྲོད་པ་རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུར་འགྱུར་བར་ཤོག་ཅིག
祈願修持瑪哈瑜伽究竟,情器世間觀為三種壇城,如同佛子蓮花生與布瑪拉大師圓滿四種持明之地道次第。
ལུང་ཨ་ནུ་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འཁོར་འདས་ཀྱི་འཛིན་རྟོག་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་སངས་རྒྱས་ཏེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་སྒྱུར་བར་ཤོག་ཅིག
祈願修持教言阿努瑜伽究竟,輪涅的分別執著即為樂空不二之自性,獲得佛果,並能教治密嚴剎土。
རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་གཞོན་ནུ་བུམ་སྐུར་གྲོལ་བ་རིག་འཛིན་དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་བར་ཤོག་ཅིག
祈願修持大圓滿阿底瑜伽究竟,法性現前滅盡於法性,於童瓶身中解脫,如同持明極喜金剛。
མདོར་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱིས་བྱ་བ་ཅི་བགྱིས་པ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ནུ་འགྱུར་བར་ཤོག་ཅིག
總之祈願我從修學菩提行開始,三門所做諸事皆成一切眾生父母之事。
དུས་དང་རྣམ་པ་ཐམས་ཅད་དུ་དམ་པའི་ཆོས་མ་ཡིན་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་སྐད་ཅིག་མ་ཙམ་ཡང་སེམས་ལ་མི་སྐྱེ་བར་ཤོག་ཅིག
祈願無論何時,與法相違之事不做,剎那不生迎合世法之心。
གལ་ཏེ་ལས་དང་བག་ཆགས་དབང་བཙན་པར་གྱུར་ནས་ཕྱིན་ཅི་ལོག་གི་བློ་སྐྱེ་ནའང་དེ་ཉིད་མི་འགྲུབ་པར་ཤོག་ཅིག
如因業力習氣強大而生錯亂之心時,願其不得成功。
གཞན་དོན་དུ་འགྱུར་ན་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པར་གཞོན་ནུ་དོན་འགྲུབ་ལྟ་བུར་འགྱུར་བར་ཤོག་ཅིག
祈願若為利他不畏奉獻生命,如同青年義成(佛陀因地曾轉生為義成王子)一般。
དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་ཕྱིན་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་པ་སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་ཅན་དུ་གྱུར་ཅིག
祈願趨達二利任運之地,拔除三界輪迴大海之根,獲得如來十力及四無畏。
འདོད་པ་དང་བྲལ་བའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་པར་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས་ཞལ་གྱིས་བཞེས་པ་ཡིན་ནོ།།
為此無私之祈願完全成辦作助緣,是由諸如來及佛子曾許諾。
དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ།།
ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་བྷནྡྷ་རེ་སྭཱ་ཧཱ།
向諸位語真實仙人頂禮
嗡 達日誒達日誒班達日誒班達日誒 梭哈
དགེ་བ་སྟོབས་ཆེ་བར་གྱུར་ཅིག སྨོན་ལམ་མཐུ་བཙན་པར་གྱུར་ཅིག སྡིག་པ་འདག་སྐྱེན་པར་གྱུར་ཅིག
祈願善業興旺增廣,祈願善願威力強大,祈願惡業疾速滅盡。
ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་ཕ་ལ་ཕ་ལ་འ་ཨ་ཧ་ཤ་ས་མ། མ་མ་ཀོ་ལིང་སམནྟ།
雜雅雜雅 色德色德 帕拉帕拉 啊啊哈 夏薩瑪 瑪瑪果朗薩曼。