རོལ་དབྱངས་ཀྱི་འཇིག་རྟེན།
【 རིན་པོ་ཆེ། 】
གཞས་ཚིག་རྩོམ་པ་པོ།དགེ་རྒྱལ་ཚེ་རིང་།
གཞས་དབྱངས་རྩོམ་པོ། ཤེར་བསྟན།
གཞས་གཏོང་མཁན། ཤེར་བསྟན།
བདེ་ལྡན་པདྨོ་བཀོད་དུ་འོད་མཐའ་ཡས།།
རབ་དཀར་གངས་རིའི་ལྗོངས་སུ་པདྨ་འབྱུང་།།
ཤུད་བུ་དཔལ་གྱི་སེངྒེའི་སྒྱུ་མའི་འཕྲུལ།།
སྤྲུལ་པའི་སྐུ་མཆོག་ཚུལ་ཁྲིམས་རྡོ་རྗེར་བསྟོད།།
ང་ཡི་སྐྱབས་མགོན། རིན་པོ་ཆེ།
གཞོན་ནུ་ཉིད་ནས་སྤངས་རྟོགས་ཡོན་ཏན་རྫོགས།།
མདོ་སྔགས་རིག་པའི་གཞུང་ལ་མཁྱེན་རྩལ་རྒྱས།།
མཚན་སྙན་དཀར་པོ་ཕྱོགས་བཅུའི་ཐ་གྲུར་ཁྱབ།།
མཁས་པའི་དབང་པོ་ཚུལ་ཁྲིམས་རྡོ་རྗེ་མཆོག།
ང་ཡི་བླ་མ། རིན་པོ་ཆེ།
གྲུབ་བརྙེས་གཏེར་ཆེན་དུ་མའི་ལུང་གིས་བསྔགས།།
དགོངས་པའི་ཀློང་ལས་ཟབ་གཏེར་གྲུ་ཆར་འཇོ།།
ས་ལམ་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ།།
གྲུབ་པའི་གཙུག་རྒྱན་ཚུལ་ཁྲིམས་རྡོ་རྗེ་མཆོག།
ང་ཡི་བཤེས་གཉེན།རིན་པོ་ཆེ།
རང་དོན་བྱིས་པའི་ངང་ཚུལ་རིང་དུ་འདོར།།
ངོ་མཚར་རྒྱལ་བའི་སྲས་ཀྱི་མཛད་བཟང་སྐྱོང་།།
བསྟན་འགྲོར་སྨན་པའི་འཕྲིན་ལས་རླབས་ཆེན་སྤེལ།།
བསྟན་པའི་མངའ་བདག་ཚུལ་ཁྲིམས་རྡོ་རྗེ་མཆོག།
ང་ཡི་སློབ་དཔོན། རིན་པོ་ཆེ།